rKTs


H6

(e-text produced by ACIP)




Tha2a
༄##། །བཟེད་ཡན་ལག་མེ་ལོང་སྐྱེས། །ལམ་ཕྲན་ཆུ་ཚགས་མོན་སྲན་སྡེའུ། །རྐང་པ་བཀྲུ་དང་གོས་མདུད་དོ། ། སྡོམ་ནི། སོ་ཕག་དང་ནི་ས་དཀར་དང ། །ཉ་ཕྱིས་དྲི་ཡི་ལག་རིས་དང ། །ཀ་བ་དང་ནི་སྐུད་པ་གཉིས། །ལག་རྒྱན་དང་ནི་སོར་གདུབ་རྒྱ། །སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ། ཁང་པ་བརྩེགས་པའི་གནས་ན་བཞུགས་སོ། །དྲུག་སྡེ་ཉིད་རྣམས་སྔ་དྲོ་ཤམ་ཐབས་དང ། ཆོས་གོས་བགོས། ལྷུང་བཟེད་ཐོགས་ཏེ་ཡངས་པ་ཅན་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དང ། ཡངས་པ་ཅན་གྱི་བར་དང ། ཁང་པ་བརྩེགས་པའི་བར་གྱི་བར་སྐབས་དེ་ན། ཡངས་པ་ཅན་གྱི་ལི་ཙ་བྱི་རྣམས་ཀྱི་སྐྱེད་